འབྲས་ལྗོངས་ ལྷོ་པོའི་ ངོ་སྤྲོད།
འབྲས་ལྗོངས་ ལྷོ་པོའི་ ངོ་སྤྲོད།
སྦས་ཡུལ་ འབྲས་མོ་ལྗོངས་ནེ་ རྒྱ་གར་ རྒྱལ་ཁབ་ཀྱི་ ཕུན་སུམ་ ཚོགས་པོའི་ མངའ་སྡེ་ ཆུང་ཤོས་ཅིག་ ཨིན། གནས་ འདི་ནེ་ དང་ ཐོག་མ་ཉིད་ལས་ སངས་རྒྱས་ ཐམས་ཅད་ཀྱི་ སྙིང་རྗེའི་ རང་གཟུགས་ བྱང་ཆུབ་ སེམས་དཔའ་ འཕགས་པ་ སྤྱན་རས་གཟིགས་ཀྱིས་ བྱིན་གྱིས་ བརླབས་པོ་ གནང་ ཡོད་པོ་ མ་ཚད་ རྒྱལ་བ་ ཐམས་ཅད་ཀྱི་ ཕྲིན་ལས་ཀྱི་ རང་གཟུགས་ གཅིག་ལོ་ འདུས་པོ་ རྒྱལ་ཡུམ་ རྗེ་བཙུན་ སྒྲོལ་མ་ དང་ སྤྲུལ་པའི་ མི་ལྔ་ཙུས་ བྱིན་གྱིས་ བརླབས་པོ་ གནང་ཡོད་པོ་ གཏེར་ཆོས་ཙུ་ན་ གསལ་དྲགས་བྱ༹ས་ བསྟན་ཡོད། ཁྱད་པར་དུ་ དུས་རབས་ བརྒྱད་པོ་ན་ དུས་གསུམ་ སངས་རྒྱས་ ཐམས་ཅད་ཀྱི་ མཁྱེན་བརྩེ་ནུས་གསུམ་ གཅིག་ཏུ་ འདུས་པའི་ རང་གཟུགས་ ཨོ་རྒྱན་ གུ་རུ་ རིན་པོ་ཆེ་ དང་ རྗེ་འབངས་ ཉེར་ལྔ་གཙོས་ འབངས་མི་སེར་ མང་པོ་ཅིག་ དངོས་སུ་ ཡུལ་འདི་ན་ བྱོན་སྡི་ སྦས་ཡུལ་ ཐམས་ཅད་ཀྱི་ ནང་ལས་ མཆོག་ཏུ་གྱུར་པོའི་ གནས་ལོ་ གཅིག་ལོ་ བྱིན་གྱིས་ བརླབས་པོ་ གནང་། འབྲས་ལྗོངས་ ལྷོ་པའི་ མི་རིགས་ཡང་ ཕལ་ཆེར་ ཨོ་འདིའི་ དུས་ལས་ སྦས་གནས་ འདི་ན་ བྱོན་བཞུགས་ གནང་ ཡོད་པོ་ གསལ་དྲགས་བྱ༹ས་ མཁྱེན་ཚུགས།
ད་རུང་ ལེབ་སྟི་ གཟབ་གཟབ་བྱ༹ས་ རྟག་དཔྱད་ བཏང་ན་ སྐད་རིགས་ རིག་གནས་ལོ་ མཁས་པོ་ ཇོརཅ་བེན་དྲམ་གྱིས་ འབྲས་ལྗོངས་པོ་ཙུ་ཀི་ རྐྱབས་མཁན་ ལྷོ་སྐད་འདི་ནེ་ དུས་རབས་ དགུ་པོ་ན་ ཡུལ་ འདི་ན་ དངོས་སུ་ ཡོད་པོ་ ཚན་རིག་ ཐོག་ལས་ སྒྲུབ་བྱེད་ གནང་ཡོད་པོ་ ཨིན། རྒྱབ་མ་ ཕྱི་ལོ་ ༡༢༦༩-༡༢༧༥ བར་ན་ ཁམས་ མི་ཉག་ རྒྱལ་པོ་ གྱད་པ་ འབུམ་བསགས་ བཙུན་མོ་ འཁོར་ དང་ བཅས་པོ་ གུ་རུའི་ སྦས་གནས་ འདི་ན་ ལུང་བསྟན་ དུས་བབས་ཀྱི་ བྱོན་སྡི་ ལུང་པོ་ ཐམས་ཅད་ལོ་ དབང་སྒྱུར་ གནང་། འདེ་ གཏན་གཞིས་ ཆགས་པའི་ མི་རིགས་ལོ་ འབྲས་ལྗོངས་པོ་ དང་། ལྷོ་པོ་སེ་ གནས་ཡིག་ དང་། ཆོས་འབྱུང་། རྒྱལ་རབས་ཙུ་ན་ གསལ་ཡོད་པོ་ དང་། ཕྱི་གླིང་བོ་ཙུ་ཀིས་ བྷོ་ཊི་ཡ་སེ་ ཐ་སྙད་ བཏགས་ཀོ་ གནང་ས་ལས་ ད་ལྟའི་ གཞུང་འབྲེལ་ ཡིག་ཆ་ཙུ་ན་ཡང་ འདེ་བྲིས་ ཡོད།
འདི་ལས་ ཕྱི་ལོ་ ༡༣༧༣ ལོ་ན་ རིག་འཛིན་ རྒོད་ལྡེམ་ཅན་ གཙོས་པའི་ ནང་པའི་ མཁས་གྲུབ་ གཉིས་ལྡན་གྱི་ བླ་མ་ དམ་པོ་ ཀེས་པོ་ཅིག་ དངོས་སུ་ སྦས་གནས་ འདི་ན་ བྱོན་སྡི་ བསྟན་འགྲོའི་ དོན་ལས་ གནས་སྒོ་ ཕྱི༹་སྟི་ གནས་ཀྱི་ ངོས་འཛིན་ གནང་བོ་ དང་། སྒྲུབ་གྲྭ་ དང་། དགོན་སྡེ་ཙུ་ བཞེངས་སྟི་ སྟོན་པོ་ རྫོགས་པའི་ སངས་རྒྱས་ཀྱི་ ལུང་རྟོགས་ཀྱི་ བསྟན་པོ་ གངས་ལོ་ ཉི་མ་ ཤར་བོ་ འདེམ་ བཟོ་བོ་ གནང་ཡོད་པོ་ ཆོས་འབྱུང་ ལོ་རྒྱུས་ རྒྱལ་རབས་ དེབ་ཐེར་ཙུ་ན་ གཟིགས་ན་ མཁྱེན་ཚུགས།
རྒྱ་གར་ མངའ་འོག་ལོ་ མ་རྒྱུ་བའི་ སྔོན་ལས་ འབྲས་ལྗོངས་ནེ་ རང་དབང་ རང་བཙན་གྱི་ ནང་པོའི་ རྒྱལ་ཁབ་གཅིག་ ཨིན་བོ་ དོགས་ཀོ་ རྩ་ལས་རང་ མེད་པོ་ ཨིན། ཨོ་འདི་བཞིན་ གུ་རུའི་ ལུང་བསྟན་ལྟར་ དུས་རབས་ ༡༧ ན་ སྤྲུལ་པའི་ རྣལ་འབྱོར་ མཆེད་བཞི་པོ་ གནས་ཀྱི་ ཕྱོགས་བཞི་ལས་ བྱོན་སྡི་ སྔོན་མ་ལས་རང་ རྒྱལ་སྲིད་ འཛིན་སྡི་ བཞུགས་ ཡོད་པའི་ རྣལ་འབྱོར་པོ་ ཕུན་ཚོགས་ མིང་ཅན་ལོ་ འབྲས་ལྗོངས་ཀྱི་ ལུགས་གཉིས་ སྐྱོང་མཁན་གྱི་ ཆོས་ཀྱི་ རྒྱལ་ལོ་ ཆེན་པོ་ལོ་ མངའ་གསོལ་བོ་ གནང་། འདེ་ ནང་པའི་ བསྟན་པ་ལོ་ སྔ་དར་ བར་དར་ དང་ ཕྱི་དར་སེ་ གསུམ་ཀ་ན་ འབྲས་ལྗོངས་ ལྷོ་པོ་ཙུས་ ཕྱག་རྗེས་ བསམ་ལས་ འདས་པོ་ བཞག་ ཡོད་ཤད་འདིས་ ད་ལྟ་ ཐམས་ཅད་ དགའ་བདེའི་ དཔལ་ལོ་ ལོངས་སྤྱོད་ཏོ་ ཨིན།
འབྲས་ལྗོངས་ ལྷོ་པོའི་ མི་རིགས་ལོ་ཡང་ ནང་གསེས་ མན་འདྲའུ་ ཀེས་པོ་ཅིག་ ཡོད། ལ་ལ་ དང་ཐོག་མ་ཉིད་ལས་ ཆེད་ ཡོད་པོ་ དང་། ལ་ལ་ཅིག་ དུས་རབས་ ༨ སྐབས་ལས་ ཆེད་ ཡོད་པོ་ དང་། ལ་ལ་ཅིག་ དུས་རབས་ ༩ སྐབས་ན་ ཡོད་པོ་ གོང་ལོ་ བཀོད་པོ་ལྟར་ མཁྱེན་ཚུགས། ཁྱད་པར་དུ་ ཡོངས་གྲགས་ན་ ཐུགས་བསམ་ བཞེས་ན་ གྱད་འབུམ་བསགས་ དང་ ཁོང་གི་ སྤུན་མཆེད་ཙུ་ལས་ མཆེད་སྟི་ འོང་ ཡོད་པའི་ རིགས་བརྒྱུད་ཙུ་ནེ། གཙོ་བོ་ བཞི། ཡན་ལག་ བརྒྱད་ དང་། གཞན་ཡང་ སྡེ་ཚན་ ཁ་ཤས་ཡོད་པས་ མདོར་བསྡུས་བྱ༹ས་ བྲིས་ན། འདི་ཙུ། གྱད་འབུམ་བསགས་ཀྱི་ སྲས་ བྲག་བཙན་དར། འདིའི་སྲས་ ༡༽ རྡོ་རྗེ་དཔལ། ༢༽ རྟ་ཐུབ་དཔལ། ༣༽ རྒོད་གཙང་པོ་བཅས་ གསུམ་ཨིན། རྟ་ཐུབ་ལོ་ སྲས་བཞི་ འཁྲུངས་ཡོད་པོ་ ནེ། ཀ༽ གུ་རུ་ བཀྲ་ཤིས། ཁ༽ ཉི་མ་ རྒྱལ་པོ། ༣༽ ཚེ་རྒྱུད་ དར་པོ་ དང་། ༤༽ ཞང་དར་པོ་བཅས་ ཨིན། གུ་རུ་བཀྲ་ཤིས་ལོ་ སྲས་ ལྔ་ཡོད་པོ་ནེ། ༡༽ ཇོ་བོ་ ནག་པོ། ༢༽ དབང་ཆེན། ༣༽ ལ་སོགས་པོ། ༤༽ ཞལ་ངོའི་ ཇོ་བོ་ དང་། ༥༽ རྟ་མགྲིན་ གྲགས་པ་བཅས་ ཨིན། ཇོ་བོ་ ནག་པོ་ལོ། ཀ༽ སྲས་ ཨ་དར་ དང་། ཁ༽ སྲས་ ཆི་རྒྱལ་སེ་ གཉིས་ འཁྲུངས་འདུག འབྲས་ལྗོངས་ ཆགས་རབས་ཙུ་ན་ ༡༽ སྐྱ་བོ་རབ། ༢༽ གླང་མོ་རབ། ༣༽ མི་དཔོན་རབ་སེ་ སྲས་གསུམ་ འཁྲུངས་ཚུལ་སྐོར་ བཤད་ ཡོད་པོ་འདི་ ཕལ་ཆེར་ གྱད་འབུམ་བསགས་ཀྱི་ སྤུན་མཆེད་ཙུ་ ཨིན་ནམ་བསམ། ཞལ་ངོ་ སྐུ་བརྒྱུད་ཙུ་ ས་གནས་ སྒང་ཏོག་ལོ་ གཏན་གཞིས་ ཆགས་སྟི་ གཡས་གཡོན་གྱི་ ལུང་པོ་ ཐམས་ཅད་ མངའ་འོག་ལོ་ བཅུག་སྟི་ རྒྱལ་པོར་གྱུར། མོན་ བསམ་བྷར་ ཞུ་མཁན་ བློན་ཆེན་ དང་ འདི་ལས་ གཞན་ཙུ་ རང་གི་ ཤེས་འཇོན་ལྟར་ ལས་མི་ཙུ་ བསྐོ་བཞག་ གནང་ཡོད་པོ་ མཁས་དབང་ སྐལ་བཟང་ བློ་ལྡན་གྱིས་ ཕྱི་ལོ་ ༡༦༥༧ ལོར་ མཛད་པའི་ འབྲས་ལྗོངས་ རྒྱལ་རབས་ལས་ གསལ། འབྲས་ལྗོངས་ཀྱི་ ཆོས་སྲིད་ ལུགས་གཉིས་ སྐྱོང་མཁན་གྱི་ ཆོས་རྒྱལ་ ཕུན་ཚོགས་ རྣམ་རྒྱལ་མཆོག་ནེ་ ཞལ་ངོའི་ སྐུ་བརྒྱུད་ གལ་ཆེན་ཅིག་ ཨིན་བོ་ དང་། སྔོན་མ་ལས་རང་ རྒྱལ་པོ་ གནང་སྡི་ བཞུགས་ཡོད་ཤད་འདིས་ རྣལ་འབྱོར་པོ་ཙུ་ཀིས་ཡང་ གུ་རུའི་ ལུང་བསྟན་བཞིན་ ཡུག་བསམ་ལོ་ འཇོ་བདེ་དྲགས་ བྱ༹ས་སྟི་ གསེར་ཁྲི་ མངའ་གསོལ་ གནང་ཡོད་པོ་ བློ་རིག་ རྣ་བོ་ཙུ་ཀིས་ ཐུགས་བསམ་ བཞེས་ན་ ལམ་སང་ མེ་ལོང་ལོ་ གཟུགས་བརྙན་ ཤར་བོ་འདེམ་བྱ༹ས་ མཁྱེན་ཚུགས།
འདི་བཞིན་ འབྲས་ལྗོངས་ མི་དབང་ ཆོས་རྒྱལ་ གཉིས་པོ་ བསྟན་སྲུང་ རྣམ་རྒྱལ་ སྐུ་དུས་ལོ་ གྱད་ འབུམ་བསགས་ཀྱི་ སྤུན་མཆེད་གསུམ་ ལྷོ་འབྲུག་ ཧད་ལོ་ བྱོན་སྡི་ གཏན་གཞིས་ ཆགས་པོ་ཙུའི་ རིགས་བརྒྱུད་ ཁ་ཤས་ལོག་ཅན་རང་ སྦས་གནས་ འདི་ན་ བྱོན་བཞུགས་ གནང་ ཡོད་པོ་ འབྲས་ལྗོངས་ རྒྱལ་རབས་ལས་ གསལ།
འདི་ལས་ འབངས་ཚོ་ བརྒྱད་ ཡང་ན་ བེབས་མཚན་བརྒྱད་ཙུའི་ བརྒྱུད་པོ་ཙུ་ རིམ་པོ་བྱ༹ས་ ཞུ་ན།
༡༽ བོན་པོ། འདི་ལོ་ཡང་། ཀ༽ བོན་པོ་ ནག་རྡིག ཁ༽ བོན་པོ་ ལྷ་སྲུང་། ག༽ ར་གདུགས་ བོན་པོ། ང་༽དབུས་ཆགས་ བོན་པོ། ཅ༽ བཀའ་བློན་ བོན་པོ། ཆ༽ བོན་ བུ་ཆུང་པོ་ཙུ་ བསྡོམས་སྟི་ བོན་རིགས་ མ་ཅིག་ཀོ་ བཅོ་བརྒྱད་སེ་ བཤད་སྲོལ་ ཡོད།
༢༽ མགོན་གསར་པོ།
༣༽ ནམ་གཙང་སྐོར་པོ། འདི་ལོ་ཡང་ ཀ༽ ནམ་དཀར་ དང་། ཁ༽ ནམ་ནག་སེ་ གཉིས་ ཡོད།
༤༽ སྟག་ཅུང་དར་པོ།
༥༽ དཀར་ཚོགས་པོ།
༦༽ གྱོང་སྟོད་པོ།
༧༽ བཙུན་རྒྱལ་པོ།
༨༽ རྡོ་ཁང་པོ་བཅས་ བརྒྱད་ཙུ་ལོ་ འབངས་ ཚོ་བརྒྱད་སེ་ ཞུ།
གཞན་ཡང་།
༡༽ བུ་ཚོ་པོ། འདི་ལོ་ཡང་། ཀ༽ བར་ཕུང་ བུ་ཚོ་པོ། ཁ༽ ཨ་གདན་ བུ་ཚོ་པོ། ག༽ ལམ་དར་པོ། ང་༽ དགེ་བསྙེན་ བུ་ཚོ་པོ། ཅ༽ བཀའ་བློན་ཙུ་ ཡོད་པོ་ ཨིན།
༢༽ སྟོད་པོ། འདིའི་ ནང་གསེས། ཀ༽ འཇམ་དབྱངས་པོ། ཁ༽ རི་སྤུན་པོ། ད༽ དགའ་གླིང་པོ་ཙུ་ ཡོད།
༣༽ རི་པ།
༤༽ ཀིམ་བར་པ།
༥༽ མ་སྦས་པ།
༦༽ ལྷ་རིས་པ། འདི་ལོ་ ཀ༽ ནམ་ནང་པོ། ཁ༽ བོད་ ལྷ་རིས་པོ་སེ་ ཡོད།
༧༽ ཤ་ཚང་པོ།
༨༽ སྒང་རྒྱབ་པོ།
༩༽ ལ་འོག་པ།
༡༠༽ མ་ཚང་པོ།
༡༡༽ སྤ་ཐིང་པ།
༡༢༽ བོན་རི་པ།
༡༣༽ ཀ་རྒྱལ་པོ།
༡༤༽ འོད་ཟེར་གླིང་པོ།
༡༥༽ རྡོ་རྗེ་གླིང་པོ།
༡༦༽ ལྕགས་ཐག་པོ།
༡༧༽ བཙན་མཁར་པོ།
༡༨༽ དགའ་མོས་པོ།
༡༩༽ དིང་དཔོན་དབང་ཕྱུག
༢༠༽ ད་རིང་པ།
༢༡༽ མགོ་དཀར་ཅན།
༢༢༽ ནམ་དཀར་པོ།
༢༣༽ རྡོ་རིང་པོ།
༢༤༽ དབང་དག་པོ།
༢༥༽ དཔའ་ལོང་དར་པོ།
༢༦༽ ཐ་ནག་པོ།
༢༧༽ ཨ་སམ་པོ། ད་རུང་ འདི་ནང་ མ་ཚུད་པོ་ ཀེས་པོ་ ཡོད་པས་ མ་འོངས་པོ་ན་ ཚུད་པའི་ ཐབས་ཤད་ གནང་འོང་ ཞུ། གང་ལྟར་ རིགས་རུས་ ཀེས་པོ་ ཡོད་རུང་ དེ་ཟང་ སྐད་ཡིག་ དང་ རིག་གཞུང་ གཅིག་ ཨིན་བས་ ཐམས་ཅད་ཀྱི་ དོ་སྣང་ གནང་དགོས་པོ་ གལ་ཆེ།
Comments
Post a Comment